ResearchTargeted Threats

མི་མང་གི་ཚོགས་སྡེ་ཁག་ལ་རྒྱུན་མཐུད་པའི་གློག་ཀླད་ཀྱི་དྲ་འབུའི་རྒོལ་རྡུང་འཕྲད་བཞིན་པ།

The following is the Tibetan translation of the news release for our report, entitled “Communities @ Risk: Targeted Digital Threats Against Civil Society.”

འཛམ་གླིང་ཡུལ་ཕྱོགས་གང་སར་མི་མང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སླད་དུ་ཕྱག་ལས་གནང་མཁན་གྱི་མི་མང་གི་ཚོགས་སྡེ་ཁག་ལ་ཡང་། བཟོ་ཚོང་ཁང་དང་སྲིད་གཞུང་ཁག་ནང་བཞིན་དྲ་འབུའི་གཏོར་བཅོམ་དང་དཀའ་ངལ་རྒྱུན་མུར་ཡོང་གི་ཡོད་པ་མ་ཟད་། མི་མང་གི་ཚོགས་སྡེ་ཁག་ནི་བཟོ་ཚོང་ཁང་དང་སྲིད་གཞུང་དག་དང་མི་འདྲ་བར་། དཀའ་ངལ་ལ་གདོང་ལེན་བྱེད་པའི་ཐོན་ཁུངས་ཉུང་བ་དང་གཞན་གྱི་དོ་སྣང་ཡང་དཀོན་པ་་ཡོད་། མང་ཚོགས་ལ་ཁ་གཏད་པའི་རྒོལ་རྡུང་འདིའི་རིགས་ཀྱིས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དག་ཤུགས་ཆེ་རུ་གཏོང་བཞིན་ཡོད་།དྲ་འབུའི་གཏོར་བཅོམ་ཀྱི་རྙེད་དོན་དག་གཏིང་ཟབ་པ་ཀྱིས་བཏོན་པའི་ཞིབ་འཇུག་སྙན་ཐོ་དེར་འདུག Citizen Lab ནི་ཁྲོ་རོན་ཁྲོ་གཙུག་ལག་སློབ་གཉེར་ཁང་གི་ Munk School of Global Affairs དུ་རྟེན་གཞི་བྱས་བའི་ཞིབ་འཇུག་སྡེ་ཁག་ཞིག་ཡིན།སྙན་ཞུའི་ཁ་བྱང་། ཉེན་ཁའི་གནས་སུ་ཡོད་པའི་ཚོགས་སྡེ་ཁག མི་མང་ལ་ཁ་གཏད་པའི་དྲ་འབུའི་རྒོལ་རྡུང་། (Communities @ Risk: Targeted Digital Threats Against Civil Society) ཟེར་བ་དེའི་ཁོངས་སུ། མི་མང་གི་ཚོགས་སྡེ་བཅུ་ལྷག་ཚུད་ཀྱི་ཡོད་ཅིང་། ཚོགས་སྡེ་དེ་དག་འདས་པའི་ལོ་ངོ་བཞི་ལྷག་རིང་གི་ཞིབ་འཇུག་བྱེད་ཡུལ་ཆགས་ཡོད་། ཚོགས་སྡེ་བཅུའི་ཁོངས་ནས་ལྔ་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བརྒྱུད་ལམ་གྱི་ཚོགས་པ་ཁག་ཆགས་ཡོད་།

ཞིབ་འཇུག་བྱེད་ཡུལ་གྱི་ཚོགས་སྡེ་ཁག་གིས། དོགས་གཞི་ཅན་གྱི་གློག་འཕྲིན་དང་ཟུར་སྣོན། གནས་ཚུལ་སོགས་Citizen Lab ལ་བཏང་ཡོད་ཅིང་། Citizen Lab ཀྱིས་་དེ་དག་ལ་གསང་རྒྱའི་སྒོ་ནས་དབྱེ་ཞིབ་མཐིལ་ཕྱིན་པ་བྱས་ཡོད་ཅིང་། ལྷག་པར་དུ་། Citizen Lab ཀྱིས་ཞིབ་འཇུག་པ་དག་གིས་ཚོགས་སྡེ་འགའ་ཤས་ལ་དངོས་སུ་ཐུགས་འཕྲད་བྱས་ནས་ཁོང་ཚོར་བཅར་འདྲི་ཡང་རབ་དང་རིམ་པ་བྱས་ཡོད་།

Citizen Lab ཀྱི་རྙེད་དོན་ཁག་ནི་གཤམ་གསལ།

བཟོ་ཚོང་ཁང་སྒེར་བ་དང་སྲིད་གཞུང་ནང་བཞིན་མི་མང་གི་ཚོགས་སྡེ་ཁག་ལ་ཡང་ཉེན་ཁ་འཕྲད་བཞིན་ཡོད་མོད་། མི་མང་གི་ཚོགས་སྡེ་ཁག་ལ་སོ་སོ་སྲུང་སྐྱོབ་བྱེད་པའི་ཐོན་ཁུངས་དཀོན་པོ་ཡོད་།

སྙན་ཐོའི་ཁོངས་སུ་བཏོན་པ་ལྟར་ན། སྲིད་གཞུང་ཁག་དང་བཟོ་ཚོང་ཁང་ཆེ་ཁག་གི་དྲ་འབྲེལ་དང་གློག་ཀླད་ཁག་ལ་རྟག་ཏུ་འཇབ་རྒོལ་བྱེད་མཁན་གྱི་གཏོར་རྒོལ་བ་ཚོས་མི་མང་གི་ཚོགས་སྡེ་ཁག་ཀྱང་རྟག་ཏུ་དམིགས་འབེན་དུ་འཛིན་གྱི་འདུག་ཟེར།

གཏོར་རྒོལ་འདི་ཚོའི་ཁྲོད་དུ་འཕྲུལ་རིག་གི་ཚད་མཐོ་བའི་དྲ་འབུའི་བྱེད་ལས་བེད་སྤྱོད་གཏོང་བ་དམའ་ཞིང་། སྤྱི་ཚོགས་ལ་བསླུ་བྲིད་དང་མགོ་གཡོག་གི་བྱེད་ཐབས་སྤྱད་ནས་དྲ་འབུ་གཏོང་བ་ཚད་མཐོ་བ་ཡོད་།

སྙན་ཐོའི་ཁོངས་སུ་བཏོན་པ་ལྟར་ན། གཏོར་རྒོལ་འདི་དག་གི་ཁྲོད་དུ་། འཕྲུལ་རིག་གཅིག་པོར་དམིགས་པའི་དྲ་འབུའི་གཏོར་རྒོལ་ནི་ཚད་དམའ་བ་དང་མང་ཚོགས་ཀྱི་དྲ་འབྲེལ་ལ་དམིགས་པའི་གཏོར་རྒོལ་ནི་ཚབས་ཆེ་བ་རེད་།

གློག་ཀླད་ཀྱི་ཟུར་སྣོན་གྱི་དྲ་འབུ་གཏོང་སའི་བརྒྱུད་ལམ་ཆེ་ཤོས་དེ་ཆགས་འདུག

དྲ་འབུ་ཅན་གྱི་ཡིག་ཆའི་རིགས་གློག་འཕྲིན་དང་ཟུར་སྣོན་བརྒྱུད་ནས་དྲ་འབུའི་དམིགས་འབེན་བྱེད་སའི་ཚོགས་སྡེ་དང་མི་སྒེར་ལ་གཏོང་བ་ནི་ལམ་ཁ་གཙོ་བོ་ཞིག་རེད་། སྙན་ཐོའི་ཁོངས་སུ་གསལ་བ་ལྟར་ན། བོད་མིའི་ཚོགས་སྡེ་ཁག་ལ་བཏང་བའི་དྲ་འབུའི་རིགས་ཀྱི་བརྒྱ་ཆ་བརྒྱད་བཅུ་ལྷག་ནི་གློག་འཕྲིན་གྱི་ཟུར་སྣོན་བརྒྱུད་ནས་ཡོང་བ་རེད་འདུག ད་དུང་ཤེས་གསལ་ལྟར་ན། ཟུར་སྣོན་རིགས་ཁ་མ་ཕྱེས་བའི་རིགས་ཀྱིས་་གློག་འཕྲིན་བརྒྱུད་ནས་བཏང་བའི་དྲ་འབུའི་བརྒྱ་ཆ་དགུ་བཅུ་གོ་ལྔ་ཙམ་ལ་གཡོལ་ཐུབ་ཀྱི་འདུག་ཟེར།

ཚོགས་སྡེ་ཁག་གིས་སོ་སོའི་བྱ་སྤྱོད་དང་བྱེད་སྟངས་ལ་འགྱུར་བ་གཏོང་བ་ནང་བཞིན། དྲ་འབུའི་གཏོར་རྒོལ་བྱེད་མཁན་རྣམས་ཀྱིས་ཀྱང་ཁོང་ཚོའི་གཏོར་རྒོལ་གྱི་ཐབས་ལམ་ཁག་ལ་འགྱུར་བ་གཏོང་གི་ཡོད་།

ལོ་ངོ་བཞིའི་ནང་ཁོངས་སུ་ཞིབ་འཇུག་པ་དག་ལ་དོ་སྣང་བྱུང་བ་གཞིར་བྱས་ན། གཏོར་རྒོལ་བྱེད་མཁན་རྣམས་ཀྱིས་གཏོར་རྒོལ་གཏོང་སའི་ཚོགས་སྡེ་ཡི་འཕྲུལ་རིག་གི་གདམ་ཁ་དང་བེད་སྤྱོད་ལ་བསྟུན་ནས་དྲ་འབུ་གསར་བཟོ་དང་གཏོར་རྒོལ་གྱི་ཐབས་ལམ་ལ་འགྱུར་བ་གཏོང་གི་འདུག་ཟེར། ལྷག་པར་དུ་། གཏོར་རྒོལ་གཏོང་མཁན་རྣམས་ཀྱིས་ Windows དང་  Mac OS X, Android བཅས་ལ་དྲ་འབུའི་གཏོར་རྒོལ་གྱི་དམིགས་འབེན་བྱེད་ཀྱི་འདུག་ཟེར།

དམིགས་འབེན་ཅན་གྱི་འཕྲུལ་རིག་གི་ཉེན་ཁ དེ་སྲུང་སྐྱོབ་ཀྱི་ས་མཚམས་རིགས་བརྒལ་ནས་བདེ་འཇགས་ཅན་གྱི་ཁོར་ཡུག་གི་ཁོངས་སུ་སླེབས་ཀྱི་ཡོད་།

སྙན་ཐོའི་ཁོངས་སུ་གསལ་བ་ལྟར་ན། མི་མང་གི་ཚོགས་སྡེ་ཁག་ལ་འཕྲད་བཞིན་པའི་ཉེན་ཁ་དང་གཏོར་རྒོལ་གྱི་རིགས་ནི་སོ་སོའི་ཁ་གཏད་ཀྱི་བྱེད་བབས་ལ་རག་ལས་ཀྱི་ཡོད་ཅིང་། དགྲ་བོའི་ས་ཁོངས་སུ་བྱ་སྤྱོད་སྤེལ་མཁན་གྱི་ཚོགས་སྡེ་ཁག་ལ་དབང་འཛིན་པས་ཐད་ཀར་ཁ་གཏད་གཅོག་པའམ་ཡང་ན་མངོན་སུམ་གྱི་ཉེན་ཁ་ཆེ་ལ། བཙན་བྱོལ་དང་ཕྱི་ལོགས་ཀྱི་ཚོགས་སྡེ་ཁག་ལ་འཕྲུལ་རིག་གི་གཏོར་རྒོལ་མང་བ་ཡོང་གི་ཡོད་།

སྙན་ཐོའི་ཁོངས་སུ་གསལ་བ་ལྟར་ན། མི་མང་ཚོགས་སྡེ་ཁག་ལ་འཕྲད་བཞིན་པའི་ཉེན་ཁ་དང་གཏོར་རྒོལ་གྱི་རིགས་ནི་སོ་སོའི་ཁ་གཏད་ཀྱི་བྱེད་བབས་ལ་རག་ལས་ཀྱི་ཡོད་ཅིང་། དགྲ་བོའི་ས་ཁོངས་སུ་བྱ་སྤྱོད་སྤེལ་མཁན་གྱི་ཚོགས་སྡེ་ཁག་ལ་དབང་འཛིན་པས་ཐད་ཀར་ཁ་གཏད་གཅོག་པའམ་ཡང་ན་མངོན་སུམ་གྱི་ཉེན་ཁ་ཆེ་ལ། བཙན་བྱོལ་དང་ཕྱི་ལོགས་ཀྱི་ཚོགས་སྡེ་ཁག་ལ་འཕྲུལ་རིག་གི་གཏོར་རྒོལ་མང་བ་ཡོང་གི་ཡོད་།

དབང་ཆ་ཆེ་བའི་སྲིད་གཞུང་ལྟ་བུའི་རིགས་ལ་དམིགས་འབེན་ཅན་གྱི་གཏོར་རྒོལ་བ་ཚོས་ཐབས་ལམ་བསྐྲུན་གྱི་ཡོད་ཅིང་། དེ་ཡིས་ཁོང་ཚོ་སྤྱིར་བཏང་བའི་ས་མཚམས་བརྒལ་ནས་བདེ་འཇགས་ཅན་གྱི་ས་ཁོངས་སུ་ཡང་འཛུལ་ཐུབ་གི་ཡོད་།

སྙན་ཐོ་འདི་ཡིས་བརྗོད་དོན་བྱས་ན། དྲ་བའི་ཉེན་སྲུང་གི་དཀའ་ངལ་འདི་རིགས་སེལ་བ་ལ་མི་མང་གི་ཚོགས་སྡེ་ཁག་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་གཙོ་བྱས་བའི་སྒེར་བའི་བཟོ་ཚོང་ཁག་དང་སྲིད་གཞུང་ཁག་གིས་མཉམ་རུབ་ཀྱི་ནུས་ཤུགས་སྤུངས་དགོས་ཀྱི་འདུག་ཟེར་བ་དེ་རེད་།

རྒྱབ་སྐྱོར་བ་རྣམས་ལ་རྒྱབ་སྐྱོར་བྱེད་སའི་ཚོགས་པ་ཁག་གི་ཉེན་སྲུང་ཡར་རྒྱས་སུ་གཏོང་བའི་འགན་འཁྲི་ཡོད་པ་རེད་། ཡིན་ན་ཡང་། ཐོག་མར་སོ་སོ་དང་གཞན་གཉིས་ཀའི་དྲ་འབྲེལ་ཉེན་ཁའི་རིགས་ལ་དབྱེ་ཞིབ་ངེས་པར་དུ་བྱེད་དགོས།

དྲ་བའི་ཉེན་སྲུང་གི་མཉེན་ཆས་བཟོ་མཁན་ནམ་ཡང་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་བཟོ་ཚོང་ཁང་དག་ལ། ཉེན་ཁའི་གནས་སུ་ལྷུང་བའི་མི་མང་གི་ཚོགས་སྡེ་ཁག་ལ་རོགས་རམ་བྱེད་པའི་འོས་འགན་ཡོད་པ་མ་ཟད་། མི་མང་གི་ཚོགས་སྡེ་ཁག་གིས་དུས་ཚོད་ཡལ་བའམ་ཡང་ན་བདེ་འཇགས་མིན་པའི་མཉེན་ཆས་རིགས་བེད་སྤྱོད་མ་གཏོང་བའི་ཆེད་དུ་ཐབས་ལམ་གསར་བ་བསྐྲུན་དགོས།

མཐའ་དོན་དེར། དྲ་ཐོག་ཏུ་མི་སྒེར་བའི་རང་དབང་དང་འདོད་མོས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་གཞུང་དག་གིས། སོ་སོའི་ཁྱབ་ཁོངས་དང་སྲིད་ཇུས་ཀྱི་ཁོངས་སུ་མང་ཚོགས་ལ་དྲ་ཐོག་ནས་གཏོར་རྒོལ་བྱེད་མཁན་དག་གི་གནད་དོན་ཚབས་ཆེན་ཏུ་བརྩི་དགོས་བ་མ་ཟད་དེ་དག་ལ་དུས་ཐོག་ཏུ་ཁ་གཏད་གཅོག་དགོས།

སྙན་ཐོ་ཆ་ཚང་འདི་ནས་གཟིགས་ཐུབ། https://targetedthreats.net/

སྙན་ཐོ་འདིའི་ཐད་ལ་དོགས་འདྲི་ཡོད་ཚེ།   irene.poetranto@utoronto.ca ཁ་བྱང་འདི་ལ་འབྲེལ་བ་གནང་རོགས།

The Citizen Lab ཀྱི་ངོ་སྤྲོད།

Citizen Lab ་ནི། ཁྲོ་རོན་ཁྲོ་གཙུག་ལག་སློབ་ཁང་(University of Toronto)གི་ “Munk School of Global Affairs”  སློབ་གྲྭའི་ཁོངས་སུ་ཡོད་། བརྟག་དཔྱད་ཁང་འདིས་གཙོ་བོ་གནས་ཚུལ་བརྡ་འཕྲིན་གྱི་སྣོལ་ཁ་དང་རྒྱལ་སྤྱིའི་ཉེན་སྲུང་། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་ཀྱི་ཡོད་། ཕྱི་ལོ་༢༠༠༩ལོར། Citizen Lab ནི། “Tracking Ghostnet” ཟེར་བའི་དྲ་བའི་སྙན་ཐོ་གྲགས་ཅན་དེ་འདོན་མཁན་གྱི་གྲས་སུ་ཡོད་ཅིང་། སྙན་ཐོ་དེ་ནི་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་གློག་ཀླད་སྟོང་ཕྲག་མང་པོ་དང་མི་སྣ་གྲགས་ཅན་མང་པོར་དྲ་འབུའི་འཇིགས་ཉེན་བྱུང་བའི་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཞིག་ཡིན། Citizen Labཀྱིས་སྙན་ཐོ་མང་པོ་བཏོན་ཡོད་ཅིང་། དེ་དག་གིས་གཙོ་བོ་མི་མང་ཚོགས་སྡེ་ཁག་དམིགས་འབེན་བྱས་བའི་ “Digital arms” ཟེར་བའི་སྐོར་ལ་ཡིན། ཕྱི་ལོ་༢༠༡༤ལོར། Citizen Lab “John D. and Catherine T. MacArthur Award for Creative and Effective Institutions”  བྱ་དགའ་་དེ་རེག་མཁན་གྱི་ཁ་ཎ་སྒྲའི་ཚོགས་པ་དང་པོ་དེ་ཆགས་ཡོད་། Citizen Lab ཀྱི་དམིགས་འབེན་ཅན་གྱི་དྲ་བའི་གཏོར་རྒོལ་སྐོར་གྱི་ཞིབ་འཇུག་ལས་དོན་དེ་ལ་ “John D. and Catherine T. MacArthur Foundation”

ཡིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་།

Note on Translation: This is an informal translation of the original report in English. This informal translation may contain inaccuracies. It is intended only to provide a basic understanding of our research. In the event of a discrepancy or ambiguity, the English version of this report prevails.